98032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལོ་གཞོན་ནུ་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition འབྲོག་མི་ཤཱཀྱ་ཡེ་ཤེས་དང་འགྲོགས་ཏེ་རྒྱ་བལ་དུ་སློབ་གཉེར་བྱས། སྟག་ལོ་ལྷ་ཁང་བརྩིགས། ཁོང་ནི་ཕྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་མང་དུ་གསན། སྒྲ་བསྒྱུར་ལ་ཡང་ཤིན་ཏུ་མཁས་པས་བཀའ་འགྱུར་དང་། བསྟན་འགྱུར་ལས་དུམ་བུ་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། དེ་ནས་ཁོང་གིས་སྟག་ལོ་ལྷ་ཁང་བཞེངས་ཏེ་འདུལ་བའི་བསྟན་པ་སྤེལ་ཞིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་གྱི་སློབ་མ་ཞིག་ཡིན་ནོ། །

{{#arraymap:སྟག་ལོ་གཞོན་ནུ་བརྩོན་འགྲུས་

|; |@@@ | | }}