From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྟག་ཤ་ (1)
| Part of speech
|
མིང་ཚིག
|
| Definition
|
གཅན་གཟན་སྟག་གི་ཤ
|
སྟག་ཤ་ (2)
| Part of speech
|
མིང་ཚིག
|
| Definition
|
ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཅུང་ཟད་སྦོམ་པ་སྤྲ་ཐོག་གི་རྩ་བ་འདྲ་བ་རྟིང་པ་རིང་ཞིང་མཉེན་པ། སྡོང་པོ་སྔོ་སྐྱ་ཕྲ་ལ་ཐུང་བ་གསུམ་བཞི་མཉམ་དུ་སྐྱེ་པའི་རིང་ཐུང་གང་ཙམ་པར་ཡལ་ག་མེད་པའི་གཞི་རྩར་གསོག་འཁྱིལ་ཡོད། ལོ་མ་ལྗང་སྐྱ་ཕྲ་ལ་ཞིབ་པ་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལོར་འབྱར་རྩི་ཡོད་པ་བྱི་སྲན་གྱི་ལོ་མ་འདྲ་བའི་སྨད་ཆར་སྤུ་དཀར་འཇམ་པོ་དང་མཛེར་པ་འདྲ་བ་ཐར་ཐོར་ཡོད་པ་རེས་མོས་སྐྱེ་བར་དྲི་ངད་ལྡང་བ་ཡོད། མེ་ཏོག་སྨུག་པོ་སྔོ་མདངས་འཚེར་བ་ཕྱེ་མ་ལེབ་ཀྱི་དབྱིབས་ཏེ་སྲན་མའི་མེ་ཏོག་གི་དབྱིབས་ཅན་དེ་བརྩེགས་པའི་མེ་ཏོག་བང་རིམ་འཆར་བ། མེ་ཏོག་གི་ངར་བ་དང་མང་ལོ་གཉིས་ཀྱི་རིང་ཐུང་མཉམ་པ་གང་བུ་འཇོང་ལ་ཀྱོག་པ་ཟོར་དབྱིབས་ལ་མཛེར་པ་ལྟ་བུའི་རྨེན་རྩ་ཡོད་པའི་ནང་འབྲུ་གུ་ནག་ཁྲ་ཆུང་ལ་ཧྲིལ་བ་བཞི་ལྔ་ཙམ་རེ་ཡོད། སྟག་ཤ་ལ་རིགས་དཀར་ནག་ཡོད་པ་དེ་སྤྱིའི་སྐྱེ་ལུགས་ཕལ་ཆེར་མཚུངས། དཀར་པོའི་མེ་ཏོག་ལ་དྲི་འཇམ་པ། ནག་པོ་མེ་ཏོག་སྔོ་ལ་ནག་ཉམས་ཡོད་པ་དྲི་ངན་པ་ཅན་ཞིག
|