From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྟག་སེང་ཁྱུང་འབྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
སྟག་དང་སེང་གེ། ཁྱུང་དང་འབྲུག་བཞིའི་བསྡུས་མིང།
|
སྟག་སེང་ཁྱུང་འབྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་རིས་བྲིས་པའི་ཀླུང་རྟ་སྐྱེད་པའི་རི་མོ་ཞིག་སྟེ། སྟག་སེང་ཁྱུང་འབྲུག་གི་རི་མོ་འདི་དག་ནི་གནའ་བོའི་བོན་གྱི་རིག་གནས་ནང་དུ་ས་ཆུ་མེ་རླུང་གི་འབྱུང་བ་བཞི་མཚོན་བྱེད་ཀྱི་རི་མོ་ཞིག་ཡིན། དེ་ཡང་སྟག་ནི་འབྱུང་བ་ཤིང་ངམ་རླུང་མཚོན་བྱེད། སེང་གེ་ནི་འབྱུང་བ་ས་མཚོན་བྱེད། ཁྱུང་ནི་འབྱུང་བ་མེ་མཚོན་བྱེད། འབྲུག་ནི་འབྱུང་བ་ཆུ་མཚོན་བྱེད་ཡིན། དེ་ལྟར་ཀླུང་རྟ་བསྐྱེད་པའི་གཟུངས་སྔགས་དང་། འབྱུང་བཞི་མཚོན་པའི་རི་མོ་རྣམས་རས་སམ་ཤོག་བུའི་ངོས་ལ་སྤར་ནས་རི་མགོ་དང་། ཀླུང་ཐང་རྣམས་སུ་མཆོད་ནས་རླུང་ལ་བསྐུར་ན་སྤྱིན་པའི་བདག་པོ་དེའི་སྲོག་ལུས་དབང་ཀླུང་རྣམས་ཡར་བསྐྱེད་འགྲོ་བའི་གྲོགས་སུ་ཡིན་པར་བཤད།
|