98064

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟངས་པོ་ (1)
Part of speech མིང་ཚིག
Definition བོན། འབྲི་ཚུལ་གཞན་སྟངས་པའང་ཡོད། ཕོའམ་སྐྱེས་པའམ་ཡབ་བཅས་ལ་འཇུག། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་ལས། ཁ་ལེ་སྟོང་འབྱམས་བག་ལ་སྤྲུལ། །དེ་ལ་སྟངས་པ་ཕོ་གཅིག་སྲིད། །ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་ཡིས། །སྟངས་པོ་དེ་ལ་མིང་བཏགས་པ། །གནམ་གྱི་ལྷ་རྒོད་ཐོག་པ་རྗེ། །ཡང་དག་ཁྲི་ཡི་རྒྱལ་ཁུག་སྟེ། །ཡོ་ལ་ཁྱབ་པ་ཕྱྭ་ཡི་རྗེ། །ཤེར་བེར་སྤུ་གེ་ཆེད་པོ་གཅིག ། སངས་པོ་འབུམ་ཁྲི་སྲིད་པའི་མེས། །ཁྲི་བཞི་ནམ་ཏིང་སྐྱེ་འགྲོའི་ཡབ། །སྟངས་དབྱལ་དེ་གཉིས་གྲིབ་འཚོས་པས། །ཞེས་དང། མདོ་དྲི་མེད་གཟི་བརྗིད་ལས། ཕོ་རྣམས་སྟང་དང་མོ་རྣམས་དབྱལ། །ཞེས་ཀྱང་གསུངས་པས་སོ། །