98080
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། ཚོང་དཔོན་གྱི་སྟན་འཐོབ་པ། ཁྱིམ་བདག་གི་སྟན་འཐོབ་པ། འཁོར་ལོས་བསྒྱུར་བའི་སྟན་འཐོབ་པ། བརྒྱ་བྱིན་གྱི་སྟན་འཐོབ་པ། དབང་སྒྱུར་གྱི་སྟན་འཐོབ་པ། ཚངས་པའི་སྟན་འཐོབ་པ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་བའི་བྱང་ཆུབ་སེམས་དཔར་གྱུར་པ། ཕྱིར་མི་ལྡོག་པ། བདུད་ཕྱིར་རྒོལ་བ་བཅོམ་པའི་སེངྒེའི་ཁྲི་འཐོབ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་ནས་ཀྱང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྲི་སྟན་འཐོབ་པར་བྱ་སྟེ། སྟན་བརྒྱད་པོ་དེ་དག་འཐོབ་པར་ཤེས་པར་བྱའོ། ། |
| Domain | ཆོས་ལུགས། |