98084
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། འདུག་པར་བྱ་བ་དགུ་དག་དང་། །ཅེས་ཏེ། གང་དུ་ཕྱིན་པ་དེར་འདིར་འདུག་ཅིག་ཅེས་མ་བསྒོ་བར་སྟན་ལ་འདུག་པར་མི་བྱའོ། །བརྟག་དཔྱད་མ་བྱས་པར་འདུག་པར་མི་བྱའོ། །ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པར་མི་བྱའོ། །རྐང་པ་གཉིས་མི་སྣོལ་བ་དང་། བརླ་གཉིས་མི་སྣོལ་བ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་ཁྲིའི་འོག་ཏུ་མི་དགུག་པ་དང་། རྐང་པ་གཉིས་མི་བསྒྲད་པ་དང་། འདོམས་མི་སྣང་བར་འདུག་པར་བྱའོ། །ལག་པས་འགྲམ་པ་ལ་མི་བརྟེན་པ་དང་། སྟན་ཐབས་མི་བསྐུར་བ་གཉིས་ནི་སློབ་དཔོན་ཡོན་ཏན་འོད་ཀྱིས་རུང་མཐུན་དུ་སྦྱར་ནས་གསུངས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། གསུམ་པ་སྟན་ལ་འདུག་པའི་སྡེ་ཚན་ནི། འདུག་པར་བྱ་བ་དགུ་དག་དང་ཞེས་པས་བསྟན། དོན་ནི་ཁྱིམ་གཞན་དུ་ཁྱིམ་བདག་སོགས་ཀྱིས་མ་བསྒོ་བར་སྟན་ལ་མི་འདུག སྟན་ལ་སྲོག་ཆགས་ཡོད་མེད་མ་བལྟས་པར་མི་འདུག གྱ་ཚོམས་སུ་ལུས་ཐམས་ཅད་ཀྱི་བརྗིད་སྟན་ལ་ཕབ་སྟེ་མི་འདུག རྐང་པའི་སྟེང་དུ་རྐང་པ་བཞག་སྟེ་མི་འདུག བརླའི་སྟེང་དུ་བརླ་བཞག་སྟེ་མི་འདུག ལོང་བུའི་སྟེང་དུ་ལོང་བུ་མི་བཞག རྐང་པ་ཁྲིའི་འོག་ཏུ་མི་བཀུག བརླ་གཉིས་གཤིབས་ཏེ་བྱིན་པ་དང་རྐང་པ་གཉིས་བར་ཐག་རིང་དུ་སོ་སོར་ཕྲལ་ཏེ་མི་འདུག འདོམས་སྣང་བར་མི་བྱེད་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |