9810
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། གཟུགས་མེད་དངོས་གཞིའི་རྣམ་ཐར་བཞི་དང་ཚོར་འདུ་རགས་པ་འགོག་པའི་རྣམ་ཐར་གཅིག་སྟེ་ལྔའོ། །པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཟུགས་ཅན་མིན་པའི་རྣམ་ཐར་ལྔའི་སྒྲ་དོན་ཡོད་དེ། གཟུགས་མེད་ཀྱི་ས་རང་རང་གི་སྙོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་ཐར་པས་གཟུགས་མེད་ཀྱི་རྣམ་ཐར་དང། ཚོར་འདུ་རགས་པ་འགོག་ཅིང་རགས་པ་ལས་རྣམ་པར་ཐར་པས་འགོག་པའི་རྣམ་ཐར་ཞེས་བརྗོད་པའི་ཕྱིར། རྣམ་ཐར་དང་པོ་གསུམ་ལ་སྤྲུལ་ལམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྤྲུལ་བསྒྱུར་སྣ་ཚོགས་སྟོན་པའི་བྱེད་ལས་དང་ལྡན་པས་དེ་སྐད་བཤད་པའི་ཕྱིར། རྣམ་ཐར་ཕྱི་མ་ལྔ་ལ་མཐོང་ཆོས་ལ་བདེ་བར་གནས་ཀྱི་ལམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཐོང་བའི་ཆོས་ཚེ་འདི་ཉིད་ལ་ཏིང་ངེ་འཛིན་གྱིས་བདེ་བར་གནས་པའི་བྱེད་ལས་དང་ལྡན་པས་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |