98116

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟར་ (1)
Part of speech བྱ་ཚིག
Definition གྲལ་རིམ་དཀྱུས་གཅིག་དུ་བསྒྲིགས་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྟར།, དཔུང་བསྟར་ན་གཟི་བརྗིད་ཆེ།]
Present [སྟར།, དམག་རུ་སྟར་བཞིན་པའི་སྐབས།]
Past [བསྟར།, དཔུང་བསྟར་ནས་གཤར།]
Imperative [སྟོར།, ཕྲེང་བ་སྟོར་ཅིག་ལྟ་བུ།]
སྟར་ (2)
Part of speech བྱ་ཚིག
Definition ལག་ལེན་དུ་བཏབ་པའི་དོན་ཏེ།
Future [བསྟར།, ཁ་བཤད་ལས་རང་ཉམས་སུ་བསྟར་ན་བཟང་།]
Present [སྟར།, ཁ་བཤད་ལག་ལེན་སྟར་མཁན་གྱི་མཁས་པ།]
Past [བསྟར།, རང་གིས་ལག་ལེན་དུ་བསྟར་བའི་ཉམས་མྱོང་།]
Imperative [སྟོར།, བདེན་མིན་ལག་ལེན་ལ་སྟོར་ཅིག་ལྟ་བུ།]
སྟར་ (3)
Part of speech བྱ་ཚིག
Definition རྡུལ་དང་གད་སྙིགས་སོགས་ཕྱགས་ནས་གཙང་མ་བྱས་པའི་དོན་ཏེ།
Future [བསྟར།, མགྲོན་པོ་གལ་ཆེན་ཕེབས་རྒྱུ་ལགས་ན་ཁྱིམ་བསྟར་དགོས།]
Present [སྟར།, འཁྱམས་ར་སྟར་བཞིན་པ།]
Past [བསྟར།, ནང་བསྟར་ནས་གཙང་དག་བྱས།]
Imperative [སྟོར།, ཁང་ཁྱིམ་ནང་གི་རྡུལ་སྟོར་ཅིག་ལྟ་བུ།]