98117

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟར་ཀ་ (1)
Part of speech མིང་ཚིག
Definition སྟར་ཀའི་ཤིང་སྡོང་གི་འབྲས་བུ་སྟེ། ཤུན་ལྐོགས་མཁྲེགས་ཤིང་རྩུབ་ལ། དབྱིབས་ཟླུམ་རིལ་དུམ་བུ་གཉིས་ཁ་སྦྱར་བ་ལྟ་བུ་པའི་རི་མོ་ཡོད་པ། མདོག་སྐྱ་སྨུག་ནང་སྙིང་སྣུམ་ལྡན་བཟས་ན་ཞིམ་པའི་ཤིང་འབྲས་ཤིག
Keyword True

{{#arraymap:སྟར་ཀ་

|; |@@@ | | }}

སྟར་ཀ་ (2)
Part of speech མིང་ཚིག
Definition སྡོང་པོ་རིང་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་ཞིང་པགས་མདོག་སྐྱ་ལ་འཇམ་པ་རྒས་ཚེ་པགས་པ་ཁ་གས་ཤིང་ཡལ་ག་དང་ཡལ་ཕྲན་མང་བ། ལོ་མའི་མདུན་ནག་རྒྱབ་ལྗང་དཀར་དཀྱུས་རིང་ལ་ཞེང་ཅུང་ཆེ་བ་ངོས་འཇམ་པ་འོད་དང་ལྡན་པ་སྒྲོ་དབྱིབས་མང་ལོ་ཡིན་པ་དང༌། ལོ་ལྷེབ་གཡས་གཡོན་ལ་གསུམ་རེ་དང་དབུས་སུ་གཅིག་བཅས་སྤྱིར་བཏང་མང་ཆེ་བར་ལོ་བདུན་རེ་ཡོད། མེ་ཏོག་དཀར་པོ་སྙེ་དབྱིབས་བང་རིམ་ཅན་ཐུར་དུ་གུག་ཅིང༌། འབྲས་བུ་ཆེ་ཞིང་ཕྱི་པགས་སྔོ་ལྗང་རིལ་བ་ནང་པགས་ཤིང་རྒྱུ་ལྟ་བུ་མཁྲེགས་ཤིང༌། གའུ་ཁ་འབྱར་མའི་ནང་སྙིང་སྣུམ་ཅན་ཀླད་པ་ལྟར་གནས་པ་ཞིག་སྟེ། ལྷ་ས་དང༌། ཉིང་ཁྲི། སྣང་རྫོང༌། རྒྱ་ཚ་རྫོང༌། སྨན་གླིང༌། ཁམས་ཕྱོགས་སོགས་སུ་མིས་འདེབས་འཛུགས་བྱས་ནས་སྐྱེ་བ། སྨན་དུ་ནང་སྙིང་དང་ཕྱི་པགས་སྔོན་པོ་གཉིས་དགོས་པ་ས་བོད་ཟླ་དགུ་པའི་ནང་བཏུས་ཏེ་ཕྱི་པགས་བཤུས་ནས་སྐམ་ཏེ་སྟེ་སྤྱོད་པ་དང༌། ནང་སྙིང་མ་རུལ་བར་བ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་སྙོམས་ལ་སྣུམ་པས་རླུང་ནད་སེལ་བ་དང༌། བྱུགས་པས་ཡན་ལག་གི་སྐྲངས་སྦོས་འཇོམས་པ་དང༌། གྲེ་ཚད་སོགས་ལ་ཕན། ཕྱི་པགས་ཀྱིས་སྐྲ་དཀར་ནག་པོར་གྱུར་ཅིང་སྐྲ་བྱི་བ་སྐྱེ་བར་བྱེད་པ་ཞིག

{{#arraymap:སྟར་ཀ་

|; |@@@ | | }}