From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྟེ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
མཚམས་སྦྱར་བའི་ལྷག་བཅས་ལ་འཇུག་པ། བྱ་བ་བརྗོད་པའི་མིང་སྔ་ཕྱིའི་བར་དུ་མཚམས་སུ་སྦྱར་ཏེ་སྔ་མ་བྱེེད་པ་དང་ཕྱི་མ་བྱ་བའི་དོན་ཅན་དུ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ག་ང་བ་མ་འ་རྣམས་ཀྱི་མཐར་སྟེ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ས་བོན་བཏབ་སྟེ་མྱུ་གུ་སྐྱེ་ལྟ་བུ།
|
སྟེ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
དམ་བཅའ་བའི་ལྷག་བཅས་ལ་འཇུག་པ། སྔ་མ་དམ་བཅས་པའི་དོན་དེ་ཚིག་དོན་ཕྱི་མས་གསལ་བར་བྱེེད་ཅིང་ལྷག་བཅས་ཀྱི་དོན་དང་ལྡན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ག་ང་བ་མ་འ་རྣམས་ཀྱི་མཐར་སྟེ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
མི་རྟག་སྟེ་བྱས་པའི་ཕྱིར། མཁས་པའི་བྱ་བ་གསུམ་སྟེ། འཆད་པ་དང་རྩོད་པ་དང་རྩོམ་པའོ་ལྟ་བུ།
|
སྟེ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
གཞན་འདྲེན་པའི་ལྷག་བཅས་ལ་འཇུག་པ། རྗོད་བྱེད་སྔ་མའི་འཕྲོར་འབྲེལ་མེད་ཀྱི་བརྗོད་བྱ་གཞན་ཞིག་དྲངས་ནས། ཚིག་སྔ་ཕྱིའི་དོན་ཐ་དད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ག་ང་བ་མ་འ་རྣམས་ཀྱི་མཐར་སྟེ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
འདི་ནི་ཞ་ཉེ་སྟེ། འདི་ནི་དངུལ་ཡིན་ནོ་ལྟ་བུ།
|
སྟེ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
འགལ་བ་འདྲེན་པའི་ལྷག་བཅས་ལ་འཇུག་པ། བརྗོད་བྱ་སྔ་མའི་འཕྲོར་བརྗོད་བྱ་ལོག་པ་ཞིག་དྲངས་ནས་ཚིག་སྔ་ཕྱིའི་འགལ་བར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ག་ང་བ་མ་འ་རྣམས་ཀྱི་མཐར་སྟེ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
སྐྱོན་གྱིས་གོས་པ་ཆེས་སླ་སྟེ། །ཡོན་ཏན་སློབ་པ་དེ་ལྟ་མིན། །ལྟ་བུ།
|