98253
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་ནང་བོད་ལ་ཕེབས་པའི་རྒྱ་ནག་གི་སྨན་པ་མཁས་པ་ཞིག་སྟེ། འདི་ཉིད་རིག་པའི་གནས་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པ་ལ་ཤིན་ཏུ་མཁས། སྔ་ཕྱིར་བོད་ལ་ཐེངས་གཉིས་ཕེབས། ཕྱི་མ་ཕེབས་སྐབས་ལམ་དུ་གསོ་བ་དཀར་པོ་ལམ་གྱི་སྒྲོན་མེ་དང༌། མཐའ་བཞིའི་ལུགས་ཞུ་བ་བཞི་ལྡན་སོགས་གསོ་རིག་གི་བསྟན་བཅོས་བརྩམས་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་སྐྱེས་སུ་ཕུལ། གསོ་བའི་དཔྱད་བྱས་པས་མངའ་བདག་མྱུར་དུ་སྙུན་ལས་དྭངས་པས་རྒྱལ་པོ་ཐུགས་དགྱེས་ཏེ་མཐའ་བཞི་སྟོང་གསུམ་གང་བ་ཞེས་པའི་མཚན་སྙན་དང༌། གཞུང་དང་དོལ་གཉིས་བྱ་དགའ་ལ་གནང༌། བོད་དུ་ཁབ་བཞེས་ནས་སྲིད་བསྐྱངས་པས་མཐའ་བཞིའི་བརྒྱུད་པ་ཞེས་གྲགས་པར་གྱུར། |