98276
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཝཾ་ཡིག་སྟོང་པ་ཆེན་པོ་འགྱུར་མེད་ལྔའི་བདག་ཉིད་དེ་སྟོང་ཆེན་འགྱུར་མེད་དང་པོ། དབུས་སུ་ཨ་ཡིག་གྲི་གུག་གི་རྣམ་པ་བརྗོད་དུ་མེད་པའི་རི་མོས་མཚོན་པ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད། སྟོང་ཆེན་འགྱུར་མེད་གཉིས་པ། ཤར་དུ་ཨ་ཡིག་དབྱུག་པའི་རི་མོ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད། སྟོང་ཆེན་འགྱུར་མེད་གསུམ་པ། ལྷོར་རྀ་ཡིག་ཚེག་དྲག་གི་རི་མོ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད། སྟོང་ཆེན་འགྱུར་མེད་བཞི་པ། བྱང་དུ་ཨུ་ཡིག་ཐིག་ལེ་རི་མོ་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད། སྟོང་ཆེན་འགྱུར་མེད་འགྱུར་མེད་ལྔ་པ། ནུབ་ཏུ་ལྀ་ཡིག་ཐོང་བའི་རི་མོ་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། ། |
| Domain | ཆོས་ལུགས། |