98283

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་ཉིད་གསལ་བའི་སྒྲོན་མེ་ (1)
Part of speech མིང་ཚིག
Definition གསལ་སྒྲོན་རྣམ་བཞིའི་ནང་ཚན་ཞིག་སྟེ། གཞུང་དེའི་བརྗོད་བྱ་ནི། ཕྱི་སྣང་བ་སྣ་ཚོགས་ཕྱག་རྒྱ་ཆེན་མོ་དམིགས་པ་དང་བཅས་པའི་སྟོང་གཟུགས་སུ་ངོ་སྤྲད་པའི་མན་ངག་སྟོང་ཉིད་གསལ་སྒྲོན། ཞེས་ཇོ་ནང་ཀུན་སྤངས་པས་གསལ་སྒྲོན་ས་གཅོད་དུ་གསུངས། གཞུང་དངོས་ཀྱིས་ནི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་སྤྱིར་བསྟན་པ་དང་། གཉིས་སུ་མེད་པའི་རྒྱུད་ཀྱི་ལམ་བྱེ་བྲག་ཏུ་བཤད་པ་དང་། དེ་དག་གི་དོན་གསལ་བར་བསྡུས་པ་ཏེ་གསུམ་གྱི་སྒོ་ནས་གསུངས་ཡོད། རྗོད་བྱེད་གཞུང་ཚད་ལ་སྡེབ་གྲངས་ཉི་ཤུ་ཙམ་བཞུགས། མཛད་པ་པོ་ནི་ཇོ་ནང་ཡུ་མོ་བ་མི་བསྐྱོད་རྡོ་རྗེ་ཡིན། ཁོང་གིས་དགུང་ལོ་དུའི་ཐོག་མཛད་མིན་གསལ་ཁ་མ་བྱུང་།