98288
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཇོ་ནང་། དབུ་མ་པ། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་གཞན་སྟོང་། མདོ་ལང་གཤེགས་ནས་བསྟན་པའི་སྟོང་ཉིད་བདུན་སྟེ། མངོན་རྟོགས་རྒྱན་འགྲེལ་ལས། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་དེ་ལ་མདོར་ན་སྟོང་པ་ཉིད་རྣམ་པ་བདུན་ཏེ། འདི་ལྟར་མཚན་ཉིད་སྟོང་པ་ཉིད། དངོས་པོའི་རང་བཞིན་སྟོང་བ་ཉིད། སྲིད་པ་སྟོང་བ་ཉིད། མི་སྲིད་པ་སྟོང་བ་ཉིད། ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟོང་བ་ཉིད། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད། གཅིག་གིས་གཅིག་སྟོང་པ་ཆེན་པོ་ཉིད་དང་བདུན་ནོ། །ཞེས་སྟོང་པ་ཉིད་བདུན་གསུངས་པ་ལས། དོན་དམ་པ་གཞན་སྟོང་ནི་དྲུག་པ་འདི་ཡིན་ལ། ཉི་ཚེ་བ་དང་ཐ་ཤལ་དང་སྤང་བྱའི་སྟོང་ཉིད་ནི་བདུན་པ་ཡིན་པར་གསུངས་པའི་ཕྱིར་དེ་གཉིས་མི་གཅིག་གོ ། ཀུན་མཁྱེན་དོལ་བོ་བས་ཕར་ཕྱིན་མདོ་ལུགས་མ་ལས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |