98292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་ཉིད་བདེན་མེད་དུ་སྒྲུབ་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐལ་འགྱུར་པ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། སྟོང་ཉིད་བདེན་མེད་དུ་རྟགས་ལ་བརྟེན་ནས་སྒྲུབ་དགོས་ཏེ། སྟོང་ཉིད་བདེན་འཛིན་ལྷན་སྐྱེས་ཀྱི་སྟེང་དུ་གྲུབ་མཐས་ཀུན་བཏགས་ནས་བདེན་པར་འཛིན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡོད་པ་གང་ཞིག ། དེ་འདྲ་བའི་རྒོལ་བའི་ངོར་སྟོང་ཉིད་བདེན་མེད་དུ་རྟགས་དཔེས་སྒྲུབ་དགོས་པའི་ཕྱིར་དང༌། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སྟོང་ཉིད་བདེན་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། སྟོང་ཉིད་བདེན་མེད་མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་ཡིན་པའི་ཕྱིར་དང༌། མིག་སོགས་ནང་གི་ཆོས་བདེན་མེད་དུ་སྒྲུབ་པའི་རིགས་པས་ལྷག་མ་རྣམས་ལ་ཤེས་པར་བྱ་བར་གསུངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།