98295
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། ས་སྐྱ། འདི་ནི་བདེ་གཤེགས་སྙིང་པོའི་ཁམས། །སྦྱོང་བྱེད་ཡིན་གྱི་ཁམས་དངོས་མིན། །དེ་སྐད་དུ་ཡང་རྣམ་འགྲེལ་ལས། །སྒྲུབ་བྱེད་ཐུགས་རྗེ་གོམས་པ་ལས། །ཞེས་གསུངས་བསླབ་བཏུས་ཉིད་ལས་ཀྱང་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་པས་བསོད་ནམས་དག་པར་འགྱུར། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་འདི་ནི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་དྲི་མ་སྦྱོང་བྱེད་ཡིན་གྱི། ཁམས་དངོས་ནི་མ་ཡིན་ཏེ། ཁྱོད་གོམས་པ་ལས་ཁམས་ཀྱི་དྲི་མ་སྦྱངས་ཏེ་འབྲས་བུ་སངས་རྒྱས་ཐོབ་པར་འགྱུར་བའི་ཕྱིར། མདོར་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་འདི་ནི་གཞི་ལམ་འབྲས་གསུམ་གྱི་ནང་ནས་ལམ་ཡིན་པས། ཁམས་བདེ་གཤེགས་སྙིང་པོར་འཁྲུལ་པར་མི་བྱ་སྟེ། གཞི་ལམ་འབྲས་གསུམ་གྱི་རྣམ་དབྱེེ་སོ་སོར་དགོས་པས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |