98310

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་པ་ཆེན་པོ་ཡི་གེ་ལྔ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། སྟོང་པ་ཆེན་པོ་ཡི་གེ་ལྔ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པ། ཆོས་སྟོང་པ་ཉིད་ཀྱི་ཀློང་ན་རང་གསལ་དུ་ཡི་གེ་ལྔ་ཡོད་དེ། ཨཱཿཧྲཱིཿཧཱུྃཿཨཱཾཿཨོཾཿདང་ལྔའོ། །དེའི་ཕྱིར་ཡི་གེ་ལྔ་ཞེས་པའོ། །
Domain ཆོས་ལུགས།
སྟོང་པ་ཆེན་པོ་ཡི་གེ་ལྔ་ (2)
Part of speech མིང་ཚིག
Definition སྤྱི་ཏི་ཡོ་གའི་གཞུང་གིས། ཕྱིའི་སྤྲོས་པ་གཅོད་པ་སྡེ་ལྔ། ནང་གི་སྤྲོས་པ་གཅོད་པ་སྡེ་ལྔ། གསང་བའི་སྤྲོས་པ་གཅོད་པ་སྡེ་ལྔ། དེ་ཁོ་ན་ཉིད་ཀྱི་སྤྲོས་པ་གཅོད་པ་སྡེ་ལྔ། སྟོང་པའི་ཀློང་ནས་རིག་པའི་སྣང་ཚུལ་ཤར་ཡང་དེའི་སྤྲོས་པ་གཅོད་པ་སྡེ་ལྔའོ། །ཞེས་གསུངས།