98324

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་པ་ཉིད་གཉིས་ (1)
Part of speech མིང་ཚིག
Definition མདོ། ཤེར་ཕྱིན་ཁྲི་པ་ལེའུ་ཉེར་བརྒྱད་པ་མཚན་ཉིད་མི་འདྲ་བའི་ལེའུ་ལས་བྱུང་བ་འདུས་བྱས་ལ་སྟོང་པ་ཉིད་གཉིས་ལ་བརྟགས་ནས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཆོས་སྟོན་པ་སྟེ། མཐའ་ལས་འདས་པའི་སྟོང་པ་ཉིད། ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་དོ། །
Domain [ཆོས་ལུགས།, ལྟ་གྲུབ།]
སྟོང་པ་ཉིད་གཉིས་ (2)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། གང་ཟག་སྟོང་པ་ཉིད། ཆོས་སྟོང་པ་ཉིད་དོ། །
སྟོང་པ་ཉིད་གཉིས་ (3)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། སྟོང་ཚུལ་གྱི་སྒོ་ནས་དབྱེ་བའི་སྟོང་ཉིད་གཉིས་ཏེ། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱི་ཤགས་འབྱེད་བསྡུས་པ་ལས། ཀུན་རྫོབ་རྟེན་འགྲེལ་ལས་མ་འདས་པའི་སྟོང་ཉིད་དང་། དོན་དམ་རྟེན་འབྲེལ་ལས་འདས་པའི་སྟོང་ཉིད་དོ། །དེ་ལས་དང་པོ་ནི། ཆོས་ཅན་གློ་བུར་བ་འགྱུར་བའི་ཆོས་ཅན། གསོག་གསོབ། བརྫུན་པ་བསླུ་བ་སྟེ། རང་རང་ངོས་བོས་སྟོང་པ་ཀུན་རྫོབ་སྟོང་ཉིད་དོ། །གཉིས་པ་ནི། ཆོས་ཉིད་གཉུག་མ་འགྱུར་བ་མེད་པའི་རང་བཞིན་བདེན་པ་ཡང་དག་པ་མི་བསླུ་བ་སྟེ། རང་གིས་མི་སྟོང་ཡང་རང་ལས་གཞན་ཀུན་རྫོབ་ཀྱིས་སྟོང་པ་དོན་དམ་སྟོང་ཉིད་དོ། །ཞེས་བྱུང་།