98334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་པ་ཉིད་རྣམ་པ་ཉི་ཤུ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ༡ ནང་སྟོང་པ་ཉིད། ༢ ཕྱི་སྟོང་པ་ཉིད། ༣ ཕྱི་ནང་སྟོང་པ་ཉིད། ༤ སྟོང་པ་ཉིད་སྟོང་པ་ཉིད། ༥ ཆེན་པོ་སྟོང་པ་ཉིད། ༦ དོན་དམ་པ་སྟོང་པ་ཉིད། ༧ འདུས་བྱས་སྟོང་པ་ཉིད། ༨ འདུས་མ་བྱས་སྟོང་པ་ཉིད། ༩ མཐའ་ལས་འདས་པ་སྟོང་པ་ཉིད། ༡༠ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། ༡༡ དོར་བ་མེད་པ་སྟོང་པ་ཉིད། ༡༢ རྣམ་པར་འགྱུར་བ་མེད་པ་སྟོང་པ་ཉིད། ༡༣ རང་བཞིན་གྱིས་སྟོང་པ་ཉིད། ༡༤ རང་གི་མཚན་ཉིད་སྟོང་པ་ཉིད། ༡༥ སྤྱིའི་མཚན་ཉིད་སྟོང་པ་ཉིད། ༡༦ ཆོས་ཐམས་ཅད་སྟོང་པ་ཉིད། ༡༧ མི་དམིགས་པ་སྟོང་པ་ཉིད། ༡༨ དངོས་པོ་མེད་པ་སྟོང་པ་ཉིད། ༡༩ ངོ་བོ་ཉིད་སྟོང་པ་ཉིད། ༢༠ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཅས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]