98339
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཆོས་རྣམས་རང་བཞིན་སྟོང་པ་ཉིད་མཁས་པས་སྟོང་པ་ཉིད་ཅེས་བྱ་བར་བསྙད་ལ། སྟོང་པ་ཉིད་དེ་ཡང། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རང་གི་དངོས་པོས་མི་སྟོང་པའི་ཆོས་ཅུང་ཟད་ཡོད་ན་དེ་ལ་ལྟོས་པའི་ཆོས་སྟོང་པ་ཅུང་ཟད་ཡོད་པར་འགྱུར་ན་ཇི་སྐད་བརྗོད་པའི་རིགས་པས་རང་གི་ངོ་བོས་མི་སྟོང་པའི་ཆོས་ཅུང་ཟད་དུ་ཡོད་པ་མིན་ནོ། །དེ་ལྟོས་པའི་སྟོང་པ་ཡོད་པར་ག་ལ་འགྱུར། དེའི་ཕྱིར་རང་གི་སྟོང་ཉིད་ཀྱང་རང་གི་ངོ་བོས་སྟོང་པར་འདོད་པ་ཡིན་ནོ། །དེ་ལ་སྟོང་པ་ཉིད་ཅེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་དུ་འདོད་དོ། །དགོས་པ་ཅིའི་ཕྱིར་ཅེ་ན། སྟོང་པ་ཉིད་དངོས་པོར་འཛིན་པའི་བློ་ཅན་གྱི་འཛིན་པ་བཟློག་པར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |