From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཟུགས་བརྙན་གྱི་དཀྱིལ་འཁོར་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། གསང་སྔགས་སྒྲུབ་པའི་བྱ་བའམ་རྒྱུད་ཀྱི་དངོས་པོ་ཞིག་སྟེ། རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ཁང་བརྩེགས་ཏོག་དང་བཅས་པ་དང༌། བརྟེན་པ་ལྷའི་ས་བོན་དང༌། ཕྱག་མཚན། ཞལ་ཕྱག་སོགས་རྡུལ་ཚོན་དང༌། རས་བྲིས། ཚོམ་བུའི་རྣམ་པར་བཀོད་པའི་གཟུགས་སོ། །
|
| Domain
|
ཆོས་ལུགས།
|
གཟུགས་བརྙན་གྱི་དཀྱིལ་འཁོར་ (2)
| Part of speech
|
མིང་ཚིག
|
| Definition
|
མ་ཧཱ་ཡོ་ག རྙིང་མ། དཀོན་ཅོག་འགྲེལ་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་ནི། སེམས་ཅན་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་ཇི་ལྟར་སྣང་བ་ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འདོད་དོ། །ཞེས་དང་། འོད་གསལ་སྙིང་པོ་ལས། མ་དག་འཁོར་བའི་ཆོས་སུ་སྣང་བ་རྣམས་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་བྱ་སྟེ། དག་པའི་རྟེན་བརྟེན་པ་རྣམས་དང་རྣམ་པ་ཆ་འདྲ་ལ་ངོ་བོ་ཡེ་ནས་དག་པར་གནས་པའི་ཕྱིར་རོ། །ཞེས་གསུངས།
|
གཟུགས་བརྙན་གྱི་དཀྱིལ་འཁོར་ (3)
| Part of speech
|
མིང་ཚིག
|
| Definition
|
ཡེ་གཤེན་རྒྱུད། ཡི་དམ་རྒྱལ་བའི་དཀྱིལ་འཁོར་དངོས་དང་འདྲ་བར་རྫས་ས་སོགས་ལ་ཚོན་གྱིས་བྲིས་པ་དང་བླུགས་པ་ཅི་རིགས་ཀྱི་དཀྱིལ་འཁོར་དངོས་ཀྱི་སྣང་བརྙན་ཡིན་ལ། དེའི་དགོས་པ་ནི། ཏིང་འཛིན་ལ་རྨོངས་པས་རང་ལུས་ལ་རྒྱལ་བའི་དཀྱིལ་འཁོར་ཡོད་ཀྱང་མ་མཐོང་བ་དག་ལ་གཟུགས་བརྙན་གྱི་སྒོ་ནས་མཚོན་ཕྱིར་ཡིན་པ་སྟེ། ལྟ་བ་ཁྱུང་ཆེན་ལས། གྲངས་དང་དགོས་ཆེད་བསྟན་པ་ནི། རང་ལ་ཡོད་པ་མ་མཐོང་ཞིང་། ཏིང་ངེ་འཛིན་ལ་རྨོངས་པ་ལ། གཟུགས་བརྙན་དཀྱིལ་འཁོར་མཚོན་ཕྱིར་བསྟན། ཞེས་པས་སོ། །
|