98342
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྟོང་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། གྲོལ་ལམ་གྱི་ཏིང་ངེ་འཛིན་གཉིས་ལས་གཉིས་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། གཉིས་པ་ནི། མཉམ་བཞག་ཏུ་སྣང་བའི་ཡུལ་དང་དེར་འཛིན་གྱི་བློ་གཉིས་སུ་མེད་པར་གང་སྣང་གི་ཐོག་ཏུ་མ་ཡེངས་པར་ཕྱམ་མེ་བཞག་པས་གཉིས་སུ་མེད་པའི་དོན་ལ་ངང་གིས་གནས་ཤིང་། རྗེས་ཐོབ་ཏུ་སྣང་བ་སྒྱུ་མ། རིག་པ་རང་གྲོལ་ཆོས་ཉིད་རྫོགས་པ་ཆེན་པོར་རྩལ་སྦྱང་བར་བྱའོ། །དེ་ལྟར་སྦྱངས་པས་སེམས་གནས་པའི་ཞི་གནས་དང་། རང་བཞིན་མེད་པའི་དོན་རྟོགས་པའི་ལྷག་མཐོང་ཟུང་འབྲེལ་དུ་འཆར་རོ། །ཞེས་གསུངས། སྣང་བ་ལྷའི་ཏིང་ངེ་འཛིན་གྱི་སྐབས་སུའང་གཟིགས། ། |
| Domain | ཆོས་ལུགས། |