98345
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་རུ་ཏྲ་འཇིག་རྟེན་དུ་བྱུང་ཚེ་དེའི་ལས་དང་ནུས་མཐུས་བསླད་ནས་འགྲོ་བ་རྣམས་ལོག་པར་ལྟ་བ་དགུ་ལ་གནས་པར་གསུངས་པའི་ལོག་ལྟ་དགུའི་ཡ་གྱལ་ཞིག་ཡིན། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་ཤིན་ཏུ་སྟོང་པར་ལྟ་བས་བྱང་ཆུབ་ཀྱི་བསམ་པ་རྒྱུན་ཆད་པ་ཅན་དུ་གྱུར་ཏེ། མཐའ་ཟད་པ་སྟོང་པ་ཉི་ཚེ་བར་གོལ་བ་ཤ་སྟག་གོ ། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |