98351
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདིར་རྩའི་འཁོར་ལོ་དྲུག་དང་། དེ་ལས་གྱེས་པའི་ཡན་ལག་གི་འཁོར་ལོ་ཚིགས་ཆེན་བཅུ་གཉིས་ཚིགས་ཕྲན་དྲུག་ཅུ་རྣམས་ལས་ཕྲ་ནའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་ཟེར། རྩ་ཕྲ་བ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། རང་བྱུང་ཞབས་ཀྱིས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། །དེ་ཡང་ལུས་ལ་གནས་པས་ན། །རྩ་ནི་ཉི་ཤུ་རྩ་བཞི་པོ། །མི་ཕྱེད་མ་ནས་ཡིད་བཟང་བས། །ཐིམ་དང་ལོངས་སྤྱོད་བདག་པོ་ཡི། །དབྱེ་བས་གསུམ་སྟེ་བདུན་ཅུ་གཉིས། །རེ་རེའང་འཁོར་ནི་སྟོང་སྟོང་ངོ་། །ཞེས་གསུངས་པ་ལྟར་རོ། ། |
| Domain | ཆོས་ལུགས། |