98356

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་བ་ (1)
Part of speech རྒྱན་ཚིག
Definition སྣོད་སོགས་ཀྱི་ནང་ན་གང་ཡང་མེད་པའི་རྣམ་པ།
Keyword True
Example ཁང་པ་སྟོང་བ། སྒྱེ་མོ་སྟོང་བ། ཕོར་བ་སྟོང་བ། ཤོག་གུ་སྟོང་བ། ལག་པ་སྟོང་བ་ལྟ་བུ། ལྡོག་ཚིག གང་བ།
སྟོང་བ་ (2)
Part of speech རྒྱན་ཚིག
Definition དོན་སྙིང་མེད་པའམ་ནང་དོན་མེད་པ།
Keyword True
Example མི་ཚེ་སྟོང་བ། ཚིག་སྟོང་བ། བསམ་བློ་སྟོང་བ།
སྟོང་བ་ (3)
Part of speech རྒྱན་ཚིག
Definition ཚིག་ཙམ་ལས་ལག་ལེན་མེད་པ།
Keyword True
Example མི་ཆེན་ཚོས་གཏམ་བཤད་སྟོང་བ་རེ་བྱས་ནས་མ་འདུག ཁ་སྟོང་བའི་ནང་གི་ཚིག་སྟོང་ལྟ་བུ།
སྟོང་བ་ (1)
Part of speech མིང་ཚིག
Definition ཟད་པའམ་མེད་པར་གྱུར་བའི་དོན་གྱི་བྱ་མིང།
Example རྩ་ཆེའི་གཅན་གཟན་སྟོང་བ། ནགས་ཚལ་སྟོང་བ། འཁོར་བ་སྟོང་བ་ལྟ་བུ།