98368

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་ཚུལ་གཉིས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་པ། རང་གི་ངོ་བོས་གྲུབ་རྒྱུ་མེད་པ་རང་གིས་སྟོང་བའི་རང་སྟོང་དང་། རང་གི་ངོ་བོས་གྲུབ་རྒྱུ་ཡོད་པ་རང་ཉིད་གཞན་གྱིས་སྟོང་བའི་གཞན་སྟོང་དག་གི་ཚུལ་སྟེ། རྗེ་བཙུན་ཏཱ་ར་ནཱ་ཐའི་དབུ་མ་གཞན་སྟོང་སྙིང་བོ་ལས། དེ་ལྟ་བས་ན་ཀུན་རྫོབ་གཟུང་འཛིན་གཉིས་ནི་འཁྲུལ་བའི་སྣང་བ་ཤར་བ་ཙམ་མ་གཏོགས་རང་གི་ངོ་བོས་གྲུབ་རྒྱུ་མེད་པའི་ཕྱིར་རང་གི་ངོ་བོས་སྟོང་ལ། རང་གཞན་གཉིས་ཀྱི་ཟླས་ཕྱེ་བའི་གཞན་གྱི་ངོ་བོར་གྲུབ་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། རྣམ་པ་ཀུན་དུ་སྟོང་པས་མི་སྟོང་པ་མིན་ལ། ཡེ་ཤེས་ཆོས་ཉིད་དེ་ནི་རང་གི་ངོ་བོས་གདོད་མ་ནས་གྲུབ་ཅིང་ནམ་དུ་ཡང་འགྱུར་བ་མེད་པའི་ཕྱིར་རང་གི་ངོ་བོའི་སྟོང་བ་མ་ཡིན་ཞིང་རྟག་ཏུ་ཡོད་པའོ། །འོ་ན་མདོ་རྣམས་སུ་ཆོས་དབྱིངས་དེ་ཡང་སྟོང་པར་གསུང་བ་མ་ཡིན་ནམ་ཞེ་ན། སྤྱིར་སྟོང་པ་དང་སྟོང་ཉིད་ཡིན་ཀྱང༌། རང་གི་ངོ་བོས་སྟོང་པ་ཡིན་མི་དགོས་ཏེ། ཡེ་ཤེས་རང་ལས་གཞན་གྱི་མཚན་ཉིད་ཅན་སྤྲོས་པའམ་གཟུང་འཛིན་ཐམས་ཅད་ཀྱི་སྟོང་པས་སྟོང་ཉིད་ཅེས་བྱ་བའོ། །ཞེས་བྱུང་།
Domain [ཆོས་ལུགས།, ལྟ་གྲུབ།]