9837

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་བརྙན་གྱི་དགའ་བ་ (1)
Part of speech མིང་ཚིག
Definition སྙན་གཞུང་མེ་ལོང་མར་བསྟན་པའི་ལེའུ་གཉིས་པའི་དོན་རྒྱན་སོ་ལྔའི་ནང་གསེས་བཅུ་བདུན་པ་དགའ་བའི་རྒྱན་གྱི་ཡ་གྱལ་ཞིག་སྟེ། ཚིག་སྦྱོར་གང་དུ་དགའ་བ་སྐྱེ་བའི་རྒྱུ་དངོས་པོ་དེའི་གཟུགས་དངོས་སུ་མཐོང་བ་མིན་ཡང། དེའི་སྤྲུལ་བའམ་གཟུགས་བརྙན་ཙམ་ཞིག་མཐོང་བ་ལས་ཀྱང་ཡིད་ལ་དགའ་བ་ཁྱད་པར་ཅན་སྐྱེས་པར་བརྗོད་པ་ལྟ་བུ་ལ་ཟེར།
Example བོད་མཁས་པས། ཕྱོགས་བཅུ་རབ་འབྱམས་ཞིང་གི་རྒྱལ་རྣམས་ཀུན། །མ་ལུས་འདུས་ཞལ་ཕྱེ་བའི་ཟ་མ་ཏོག ། ཀུན་མཁྱེན་དཔག་བསམ་ཡོངས་འདུའི་དབང་པོའི་ཞལ། །ལེགས་བྱས་ཡངས་པའི་མིག་གིས་མངོན་སུམ་མཐོང་། །ལྟ་བུ།
Domain རྩོམ་རིག