98386
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཆུང་ཞིང་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། སྡོང་པོ་ཆེར་མི་མངོན་པ་སྟེ་གཞི་རྩ་ནས་ཡལ་ག་ཐུང་ཐུང་མང་པོ་གྱེས་པ། ལོ་མ་ཆུང་ཞིང་མདོག་ལྗང་ལ་སྦར་དབྱིབས་ལྟར་གྱི་ཉག་ག་ཡོད་ཅིང་ལོ་རྒྱབ་ཅུང་སྐྱ་བ་རེ་མོས་སུ་སྐྱེ་བ། མེ་ཏོག་སེར་པོ་ཆུང་ལ་འདབ་མ་བཞི་དང་ལྡན་པ་ལོ་མ་རྣམས་ཀྱི་མཚམས་ནས་རིམ་བཞིན་འཆར་བ། འབྲས་བུ་ཆུང་ལ་འཇོང་ཞིང་ཁ་གས་པ་སྟེ། བོད་ཀྱི་རི་མཐོའི་གངས་ཞོལ་གྱི་ཆུ་འགྲམ་དང་རྫ་ཡི་ཆུ་ཤུལ་སོགས་སུ་སྐྱེ་བ་མང་བ། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་དུ་བཏུས་ཏེ་གཙང་མ་བཟོས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཆབ་པ་སོགས་རིམས་ཚད་ཀྱི་རིགས་དང༌། མཁྲིས་ཚད། གབ་ཚད་སོགས་ལ་ཕན་པ་ཡིན། |
| Domain | གསོ་རིག |