984
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་ཁོངས་གཏོགས་ཏེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། མཚན་ལྟས་བཟང་བའི་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དེ་ཡང་དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྔོན་མོ་གཟི་ལྡན་ཡིད་དུ་འོང་། འདོད་པའི་དོན་གྲུབ་ཀླུ་མོའི་གྲོགས། ཞེེས་པས། དེ་ལ་ཡང་ལུས་མདོག་སྔོ་ལ་སྤྱན་སོགས་གཟི་ལྟར་བཀྲ་བ་སྒོ་གསུམ་གྱི་གཤིས་འཇམ་ལ་ཡིད་དུ་འོང་ཞིང་དགེ་བའི་འདོད་དོན་འགྲུབ་པར་བྱེད་པའི་རིག་མ་ལ་བྱའོ། །སྐབས་འདིར་ཀླུ་མོ་ཞེས་པ་ནི་མཚན་ལྟས་ཀྱི་སྒོ་ནས་བཤད་པ་ཡིན་པར་མངོན་ནོ། ། |
| Domain | ཆོས་ལུགས། |