98401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་སྡེ་དགའ་ལྡན་ལེགས་བཤད་གླིང་པ་ (1)
Part of speech མིང་ཚིག
Definition མར་པ་ལོ་ཙཱ་བ་ཟངས་དཀར་དུ་བཞུགས་པའི་སྐབས་ཕྱག་བཏབ་པས། ཐོག་མའི་མཚན་ལ་སྟོང་སྡེ་མར་པ་གླིང་དུ་གྲགས། ཕྱིས་བླ་མ་བྱང་སེམས་བཟང་པོས། གཞི་གསུམ་གྱི་སྲོལ་བཙུགས་པ་དང། སྡོང་པ་ཤཱཀྱ་བཟང་པོས་དར་རྒྱས་སུ་མཛད། བླ་མ་རྒྱལ་མཚན་ཀླུ་སྒྲུབ་གྱིས་དགེ་ལུགས་སུ་བསྒྱུར་པས། དགའ་ལྡན་ལེགས་བཤད་གླིང་ཞེས་མཚན་ཐོགས། དཔལ་ལྡན་ལྷ་མོ་དྲེའུར་ཆིབས་ཏེ་རྒྱུན་ཕེབས་གནང་པ་གྲགས་ཆེ། མངའ་རིས་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་སྡེ་འདི་ཡུན་རིང་བསྐྱངས་པའི་དྲིན་ལས། གྲྭ་ཚོགས་ངང་གིས་རྒྱས་ཞིང། མཁས་གྲུབ་དམ་པ། ནམ་མཁའ་འབྱོར་ལྡན། རྒྱུད་པ་དབང་རྒྱལ་སོགས་བསྟན་པ་ལ་མཛད་རྗེས་ཆེ་བ་བགྲང་ལས་འདས་བ་བྱུང།