From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཟུགས་མང་ (1)
| Part of speech
|
མིང་ཚིག
|
| Definition
|
ཁྱབ་འཇུག་གི་མིང་སྟེ། འདིས་འཇིག་རྟེན་གྱི་བྱ་བ་བསྒྲུབ་པ་ལ་རིག་བྱེད་བཞི་རྒྱ་མཚོར་ནུབ་པ་ཉ་རུ་སྤྲུལ་ཏེ་བཏོན་པ་སོགས་འཇུག་པའམ་སྤྲུལ་བ་མ་འདྲ་བ་བཅུ་བྱས་པས་དེ་ལྟར་ཐོགས།
|
| Type
|
མངོན་བརྗོད།
|
གཟུགས་མང་ (2)
| Part of speech
|
མིང་ཚིག
|
| Definition
|
ཉི་མའི་མིང་སྟེ། འོད་སྣ་ཚོགས་དང་ལྡན་པས་དེ་ལྟར་ཐོགས།
|
གཟུགས་མང་ (3)
| Part of speech
|
མིང་ཚིག
|
| Definition
|
འདོད་ལྷའི་མིང་སྟེ། གཞན་གྱི་ཚངས་སྤྱོད་སོགས་ལ་གནོད་སྐྱེལ་ཆེད་བུད་མེད་མཛེས་མ་སོགས་སྣ་ཚོགས་པར་སྤྲུལ་བར་བྱེད་པས་དེ་ལྟར་ཐོགས།
|
གཟུགས་མང་ (4)
| Part of speech
|
མིང་ཚིག
|
| Definition
|
སྤྱན་རས་གཟིགས་ཀྱི་མིང་སྟེ། བྱང་ཆུབ་སེམས་དཔའ་འདིས་སྤྲུལ་བ་སྣ་ཚོགས་མཛད་པའི་སྐུའི་རྣམ་འགྱུར་མི་འདྲ་བ་སྟེ། སྐུ་འདྲ་དང་ཐང་ག་ལས་མཐོང་བ་དྲུག་ཅུ་ལྷག་ཙམ་ཡོད་པས་དེ་ལྟར་མཚན་གསོལ།
|
གཟུགས་མང་ (5)
| Part of speech
|
མིང་ཚིག
|
| Definition
|
དབང་ཕྱུག་ཆེན་པོའི་མིང་སྟེ། ས་ཆུ་མེ་རླུང་ནམ་མཁའ་སོགས་སྣ་ཚོགས་སྤྲུལ་བའི་ཕྱིར་དེ་ལྟར་བཏགས།
|