From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྟོད་གོས་ (1)
| Part of speech
|
མིང་ཚིག
|
| Definition
|
ཁོག་སྟོད་ལ་གྱོན་རྒྱུའི་གོས་རིགས།
|
| Keyword
|
True
|
| Example
|
ཀོ་བའི་སྟོད་གོས། སྟོད་གོས་ཆུང་ཆུང་ལྟ་བུ།
|
སྟོད་གོས་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། ན་བཟའ་གོས་དྲུག་གི་ནང་ཚན་ཞིག་སྟེ། དེའི་རྒྱུ་ཆ་ནི། ལུག་གི་བལ་ལས་བཟོས་པའི་སྣམ་བུས་བྱ་ལ་སྲབ་འཐུག་གི་ཁྱད་པར་ནི་དབྱར་དགུན་ལ་སོགས་དུས་ཀྱི་ཚ་གྲང་དང་བསྟུན་ཏེ། དབྱར་སྲབ། དགུན་ན་འཐུག་པོ་བྱེད་ན་རུང་སྟེ། འདུལ་བ་ཡོངས་རྫོགས་ལས། བལ་སྣམ་དབྱར་སྲབ་དགུན་ན་འཐུག ། དཔུང་བཟེད་དཔུང་བ་ཁ་དང་མཉམ། །མཆན་ཁུང་དྲོད་སྤུ་མཐོང་བ་ཙམ། །མདུན་དུ་གཡས་གཡོན་སོར་གསུམ་བསྣོལ། །སུལ་བུ་རྩ་ལྔ་ཕྱོགས་མ་སྤུངས། །མདུན་རྒྱབ་སྟ་ཟུར་ཤིན་ཏུ་སྙོམས། །གཉའ་ཁར་ཕྱེད་ཁེབས་ཨོལ་གོང་མཐོང་། །ཞེས་གསུངས་སོ། །རབ་ཏུ་བྱུང་བའི་སྟོད་གོས་ཀྱི་རིང་ཐུང་གི་ཚད་ནི་མཐོ་དྲུག་ལ། དབྱིབས་ཀྱི་ཁྱད་པར་ནི། སུལ་བུ་སུམ་ཅུ་རྩ་ལྔ་དང་ལྡན་པའོ། །རྔུལ་གཟན་ཤིང་རས་དཔུང་ཆད་དོ། །དེ་ཉིད་རིང་བ་ལ་འགག་རིང་དང་། ཐུང་བ་ལ་འགག་ཐུང་ཞེས་པ་ནི་ཡོངས་སུ་གྲགས་སོ། །
|
| Domain
|
ཆོས་ལུགས།
|