From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྟོད་མངའ་རིས་བསྐོར་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
བོན། ཡ་ཐོག་ཞང་ཞུང་གི་ས་གནས་ཞིག་ཡིན། དུས་ཕྱིས་སུ་བོད་ཀྱི་མངའ་འོག་ཏུ་སོང་བར་བརྟེན་ནས་མངའ་རིས་ཞེས་མིང་ཐོག་པར་གྲགས་ཏེ། སྟོད་མངའ་རིས་བསྐོར་གསུམ་ནི། བོན་པོའི་ཕྱོགས་ནས་རུ་ཐོག་རི་ཡིས་བསྐོར་བ་གཅིག་དང་། གུ་གེ་གཡའ་ཡིས་བསྐོར་བ་གཅིག སྤུ་རོང་གངས་ཀྱིས་བསྐོར་གཅིག་དང་གསུམ་དུ་ངོས་འཛིན་ཏེ། ཀུན་མཁྱེན་ཉི་མའི་རང་རྣམ་ལས། རུ་ཐོག་རི་ཡིས་བསྐོར། གུ་གེ་གཡའ་ཡིས་བསྐོར། སྤུ་རོང་གངས་ཀྱིས་བསྐོར། ཞེས་སོ། །
|
| Domain
|
ལོ་རྒྱུས།
|
སྟོད་མངའ་རིས་བསྐོར་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
བན་དྷེའི་ཕྱོགས་ནས། སྤུ་ཧྲེངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག་དང། ལི། བྲུ་ཤ སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ལ་ངོས་འཛིན་ནོ། །
|