98445
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟོད་མངའ་རིས་སྐོར་གསུམ་རྫིང་བུ་དང་འདྲ་ཞེས་བཤད་ཅིང་། དེ་དག་ནི། སྤུ་ཧྲེང་དང་། མང་ཡུལ་དང་། ཟངས་དཀར་གསུམ་བཅས་ལ་སྐོར་གཅིག ལི་དང་། བྲུ་ཤ་དང་། སྦལ་ཏི་བཅས་གསུམ་ལ་སྐོར་གཅིག ཞང་ཞུང་དང་། ཁྲི་ལྡེ་དང་། སྟོད་སྨད་གསུམ་ལ་སྐོར་གཅིག སྦལ་ཏི་ནི་དེང་སང་པ་ཀི་སི་ཐཱན་གྱི་ཁོངས་བྱང་ཤར་མཚམས་སུ་ཡོད་པ་དང་། ས་ཆ་ཁ་ཤས་ཀྱི་མིང་འབྲི་སྟངས་ཐད་དག་ཆ་མ་འདྲ་བ་བྱུང་ཡོད། དཔེར་ན་སྤུ་ཧྲེང་ལ་སྤུ་རངས། ལ་ལ་ལི་མ་དང་། འཆིམ་མམ་ལི་བཅས་དང་། འབྲུ་ཤ་ལ་བྲུ་ཤ་དང་། སྦལ་ཏི་ལ་སྦ་ཏི་དང་། ཁྲི་ལྡེ་ལ་ཁྲི་ཏེ་ཞེས་འབྲི་སྟངས་མ་འདྲ་བ་ཁ་ཤས་བྱུང་འདུག |
| Domain | ལོ་རྒྱུས། |