98446
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ མཐོ་ལྡིང་གསེར་གྱི་ལྷ་ཁང༌ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གཎྜི་ནམ་མཁར་འཕངས་ནས་བདག་གི་གདུལ་བྱ་འདུ་སར་བོབས་ཤིག་ཅེས་སྨོས་སྤར་ནས་ནམ་མཁར་མཐོན་པོར་ལྡིང་ཞིང་ས་ཕྱོགས་དེར་བབས་སར་གཙུག་ལག་ཁང་བཞེངས། གྲྭ་གྲངས་དྲུག་ཅུ་སྐོར། ༢ བྱེ་དཀར་དུ་ཆོས་སྡེ་རྣམ་རྒྱལ་རྩེ་ནི། གྲུབ་ཆེན་དབང་ཕྱུག་དཔལ་ལྡན་པས་བཏབ། དགེ་འདུན་བརྒྱ་ཉི་ཤུ་སྐོར། ༣ མ་ནང་བྱང་ཆུབ་གླིང༌ནི། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བཏབ། དགེ་འདུན་དྲུག་ཅུ་རེ་བཞི་སྐོར། ༤ གུ་གེའི་མདའ་པ་སར་བཀྲ་ཤིས་ལྷུན་པོ་ནི། པཎ་ཆེན་ཤནྟི་པས་བཏབ། དགེ་འདུན་བརྒྱ་དང་རེ་གཅིག་སྐོར། ༥ སེང་གེ་རྫོང༌ནི། གྲུབ་ཆེན་རྡོ་རྗེ་འབུམ་གྱིས་བཏབ། དེང་སང་སྟོངས་ནས་མེད། ༦ དོ་ཤང་མུ་དཀར་ཆོས་སྡེ་ནི། མཁས་གྲུབ་རྗེའི་དངོས་སློབ་གྲུབ་ཆེན་དཀོན་ཅོག་དཔལ་མགོན་གྱིས་བཏབ། དགེ་འདུན་བཞི་བཅུ་ཞེ་ལྔ་སྐོར། ༧ པོ་རྟིར་རྟ་སོ་ཆོས་སྡེ་ནི། ལོ་ཆེན་རིན་ཆེན་བཟང་པོས་བཏབ། དགེ་འདུན་ལྔ་བཅུ་ང་དགུ་སྐོར། ༨ ནོར་བུ་དགེ་འཕེལ་ནི། སློབ་དཔོན་ཤེས་རབ་བློ་གྲོས་ཀྱིས་བཏབ། དགེ་འདུན་དྲུག་ཅུ་རེ་དགུ་སྐོར། ༩ བྱང་ཆུབ་གླིང་ནི། མཐོ་ལྡིང་པ་བྱང་ཆུབ་སེམས་དཔས་བཏབ། དགེ་འདུན་བཞི་བཅུ་ཞེ་དྲུག་སྐོར། ༡༠ ལ་གོ་སྤལ་ནི། རང་རིག་པ་སངས་རྒྱས་འོད་ཟེར་གྱིས་བཏབ། དགེ་འདུན་དྲུག་ཅུ་སྐོར། ༡༡ རམ་ལོ་ནི། རབ་འབྱམས་པ་དཔལ་འབྱོར་གྱིས་བཏབ། དེའི་ལེ་ལག་ཨོ་ར་མ་དང་བཅས་པར་དགེ་འདུན་བཅུ་བདུན་སྐོར། ༡༢ དུས་དཀར་བཀྲ་ཤིས་ཆོས་གླིང༌ནི། སྔོན་ལྕམ་ལྷའི་མེ་ཏོག་གིས་མཆོད་གནས་དགེ་སློང་རྣམ་དག་སུམ་ཅུ་ཙམ་ལ་ཞབས་ཏོག་རྒྱུན་འཛུགས་མཛད། དགེ་འདུན་སུམ་ཅུ་སོ་ལྔ་སྐོར། ༡༣ གུ་གེའི་ཤངས་པར་ཆོས་སྡེ་དགའ་ལྡན་ལྷུན་པོ་ནི། གུ་གེ་སང་ཐར་བ་སེང་གེ་རྒྱ་མཚོས་བཏབ། དགེ་འདུན་བཞི་བཅུ་ཞེ་བཞི་སྐོར། ༡༤ ལང་ཀ་ཆོས་སྡེ་ནི། རྒྱལ་སྲས་མཻ་ཏྲི་པས་བཏབ། དགེ་འདུན་བདུན་ཅུ་དོན་གཉིས་སྐོར་བཅས་སོ། ། |
| Domain | ལོ་རྒྱུས། |