98459

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོད་ལུང་བ་དཔལ་འབྱོར་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་མེ་ཁྱི་ཕྱི་ལོ་ ༡༥༢༦ ལོར་སྟོད་ལུང་རན་པར་སྡེ་པ་གད་པ་ཁ་པའི་སྲས་སུ་འཁྲུངས། གཞོན་དུས་ནས་ར་བ་སྟོད་ཀྱི་འཆད་ཉན་པ་མཛད། རྒྱུད་སྟོད་པའི་བླ་མ་གནང་བཞིན་འོལ་དགར་ཕེབས། དགའ་ལྡན་ཤར་དང་རྒྱུད་སྦྲེལ་བའི་བླ་མ་མཛད། དགུང་ལོ་ང་བདུན་པ་རབ་བྱུང་བཅུ་པའི་ཆུ་རྟ་ཕྱི་ལོ་ ༡༥༨༢ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་ངོ་བརྒྱད་རིང་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། གཟིམས་ཁང་ཆེན་མོའི་ཞིག་གསོ་དང་ལྡེབས་བྲིས་གནང་། ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་རྒྱུན་དུ་མཛད། རེ་བཞི་པར་རྒྱལ་ཁང་རྩེར་ཟུར་བཞུགས་མཛད་པས་ཆོས་རྗེ་རྒྱལ་ཁང་རྩེ་བར་འབོད། སོག་ཡུལ་དུ་གདུལ་བྱ་རྣམས་ལ་ཆོས་འཁོར་བསྐོར། ཆོས་སྡེ་ཆེན་པོ་སྐྱོར་མོ་ལུང་དང་། ཕག་མོ་ཆོས་སྡེ། འབར་ཚག་ཆོས་སྡེ། དཔལ་འབར། ཐང་སྐྱ། རིན་ཆེན་གླིང་སོགས་ཀྱི་ཞལ་འཛིན་མཛད། དོན་བཞི་པ་ རབ་བྱུང་བཅུ་པའི་ས་ཕག་ཕྱི་ལོ་༡༥༩༩ ལོར་སྐུ་གཤེགས། དངུལ་གདུང་ལྷ་བབས་མཆོད་རྟེན་བཞེངས། ལི་མ་ལྷ་ཁང་ཤར་གྱི་གཙོ་བོའི་གཡས་དང་པོར་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཉེར་ལྔ་པ་ཡིན། མཚན་གཞན། རྒྱལ་ཁང་རྩེ་དཔལ་འབྱོར་རྒྱ་མཚོ། ཆོས་རྗེ་རྒྱལ་ཁང་རྩེ་བ།