98472

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་ (1)
Part of speech བྱ་ཚིག
Definition ལུས་ངག་གི་རྣམ་རིག་ལ་བརྟེན་ནས་གང་ཞིག་གཞན་ལ་མཐོང་དུ་འཇུག་པའམ་ཤེས་སུ་འཇུག་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྟན།, བསྟན་བྱའི་བདེན་དོན།]
Present [སྟོན།, ཟླ་བ་འཛུབ་མོས་སྟོན་པ།]
Past [བསྟན།, ལམ་ཁ་ལེགས་པར་བསྟན་པས་བདེ་བར་བསྐྱོད།]
Imperative [སྟོན།, ཡང་དག་པའི་ལམ་སྟོན་ཅིག་ལྟ་བུ།]
སྟོན་ (1)
Part of speech མིང་ཚིག
Definition སྟོན་ཁའི་བསྡུས་མིང།
Example སྟོན་གྱི་ལོ་ཏོག སྟོན་གྱི་ལོ་མ་ས་ལ་ལྷུང་བ་ལྟ་བུ།
སྟོན་ (2)
Part of speech མིང་ཚིག
Definition སྟོན་མོའི་བསྡུས་མིང།
Example སྟོན་གྱི་སྡེར་ཁ་བཤམས་ལྟ་བུ།