98496
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ཡུལ་ནི་གུང་དྲུག་ལྷ་རྩེ་ཞེས་པའི་གནས་མཆོག་སྔོན་བུ་ཤེལ་མཁར་གཡུ་རྩེ་རུ། ཡབ་གཏོ་ཅང་ཤེས་འཕྲུལ་གྱི་རྒྱལ་པོ་དང་། ཡུམ་ནི་ཡེ་ལྕམ་ཀུན་གྲགས་མ་གཉིས་ཀྱི་སྲས་སུ། ཚེ་ལོ་སྟོང་གི་དུས་སུ་བྱོན་པའི་སྟོན་པ་ཞིག་ཡིན། མཚན་ལ་གཏོ་རྒྱལ་ཡེ་མཁྱེན་ཞེས་གསོལ་ཏེ། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། གནས་ནི་གུང་དྲུག་ལྷ་རྩེ་གནས། །སྔོན་བུ་ཤེལ་མཁར་གཡུ་རྩེ་རུ། །ཡབ་གཏོ་ཅང་ཤེས་འཕྲུལ་གྱི་རྒྱལ་པོ་དང་། །ཡུམ་ནི་ཡེ་ལྕམ་ཀུན་གྲགས་མ། །སྲས་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་འཁྲུངས། །ཞེས་གསུངས་ཞིང་ཁྱད་པར་དུ་སྟོན་པ་ཁོང་ནི་དྲང་སྲོང་ལེགས་ལྡན་རྒྱལ་བའི་སློབ་དཔོན་དང་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་སྟོན་པ་ཞིག་ཡིན། |