98497

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པ་གཤེན་རབ་ (1)
Part of speech མིང་ཚིག
Definition གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་གཏོད་པ་པོ་སྟེ། མཚན་དངོས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ། ཁོང་ནི་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་རྟག་གཟིགས་འོལ་མོ་ལུང་རིང་གི་རྒྱལ་མཁར་བར་པོ་སོ་བརྒྱད་དུ། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་སྐུ་འཁྲུངས་སྟེ། མཛད་པ་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྣམས་འདུལ་བར་མཛད་ཅིང་། བོན་སྒོ་ཕྱི་ནང་གསང་གསུམ་དང་། སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ། བརྒྱད་ཁྲི་བཞི་སྟོང་སོགས་ཀྱི་བཀའ་འཁོར་རིམ་པར་བསྐོར་ཏེ་གཡུང་དྲུང་བོན་གྱི་བསྟན་པ་གསལ་བར་མཛད།