98499

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པ་དྲུག་ (1)
Part of speech མིང་ཚིག
Definition ཡིད་བཞིན་མཛོད་འགྲེལ་ལས་བྱུང་བ་སྟེ། ༡ འགྲོ་སྐྱོང་གི་བུ་འོད་སྲུངས་རྫོགས་བྱེད་ཀྱི་འདོད་པ་ནི། འཇིག་རྟེན་སྔ་ཕྱི་དང་། ལས་རྒྱུ་འབྲས་དང་། དགྲ་བཅོམ་པ་དང་། རྫུས་ཏེ་སྐྱེ་བ་མེད་པར་འདོད་དོ། །༢ ཀུན་ཏུ་རྒྱུ་གནག་ལྷས་བུའི་འདོད་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་གྲོལ་གཉིས་ཀ་ལ་རྒྱུ་དང་རྐྱེན་མེད་དེ་ངོ་བོ་ཉིད་ཀྱིས་བྱུང་བར་འདོད་དོ། །༣ སྨྲ་འདོད་ཀྱི་ཡང་དག་རྒྱལ་བ་ཅན་གྱི་འདོད་པ་ནི། དགེ་བ་སྡིག་པ་གཉིས་ཀ་མེད་པར་འདོད་དོ། །༤ མི་ཕམ་སྐྲའི་ལྭ་བ་ཅན་གྱི་འདོད་པ་ནི། ཐམས་ཅད་དུས་ཀྱི་བྱེད་པར་འདོད་དོ། །༥ ཀ་ཏའི་བུ་ནོག་ཅན་གྱི་འདོད་པ་ནི། འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་འདྲི་ན་ཡོད་ཅེས་ལན་འདེབས་པ་ན་མེད་དམ་གཉིས་ཀའམ། གཉིས་ཀ་མ་ཡིན་ནམ་ཞེས་པ་བཞི་དང༌། བདག་དང་འཇིག་རྟེན་རྟག་གམ། མི་རྟག་གམ། གཉིས་ཀ་མ་ཡིན་ཞེས་པ་བཞི་དང༌། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་བདག་ཡོད་དམ། མེད་དམ། ལུས་དང་སྲོག་གཅིག་གམ། ཐ་དད་དམ། གཉིས་ཀ་མ་ཡིན་ཞེས་འདྲི་ན། དྲིས་པ་ལྟར་ལན་འདེབས་པར་འདོད་པའམ་མི་རུང་སྟེ། རེ་ཞིག་རྟག་པར་ཁས་ལེན་ན། རགས་པ་རྡུལ་ཕྲན་ཆ་མེད་པས་རྟག་པའི་གཞི་མ་གྲུབ་ལ། ཐ་སྙད་དུ་སྐད་ཅིག་ལ་སོགས་པའི་དུས་འགྱུར་པས་ཁེགས་ལ། ཕྲ་བ་དངོས་པོ་རང་བཞིན་མ་གྲུབ་པས་རྟག་པར་མི་རུང་བ་དང༌། ཆད་པའང་བརྟགས་ན་གཞི་མེད་པས་ཆད་རྒྱུ་མེད་ལ། ཐ་སྙད་དུ་དབང་པོ་སོ་སོའི་ཡུལ་ལ་སྣང་བས་ཁེགས་པ་ཡིན་ནོ། ། ༦ གཅེར་བུ་བ་གཉེན་གྱི་བུའི་འདོད་པ་ནི། ཐམས་ཅད་ལས་སུ་འདོད་དོ། །
Domain ཆོས་ལུགས།