98507

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ འདི་ལ་དེ་བཞིན་གཤེགས་པ་ཐོག་མ་ཁོ་ནར་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ཉན་ཐོས་རྣམས་ལ་བརྡ་སྤྲོད་པར་མཛད་པ་འདི་ནི་ཕུན་སུམ་ཚོགས་པ་དང་པོའོ། །༢ གཞན་ཡང་མ་དད་པ་རྣམས་དང༌། ལོག་པར་ཞུགས་པ་རྣམས་བསྟན་པ་འདི་ལ་ཐབས་ལེགས་པར་འཇུག་པར་མཛད་པ་འདི་ནི་ཕུན་སུམ་ཚོགས་པ་གཉིས་པའོ། །༣ གཞན་ཡང་ཞུགས་ཟིན་པ་རྣམས་ཆོས་བཞིན་དུ་བསྡུ་བ་རྣམ་པ་བཞིས་སྡུད་པར་མཛད་པ་འདི་ནི་སྟོན་པ་ཕུན་སུམ་ཚོགས་པ་གསུམ་པའོ། །
Domain ཆོས་ལུགས།