98509

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པ་བཞི་ (1)
Part of speech མིང་ཚིག
Definition རྙིང་མ། སྟོན་པ་བཞི་ནི། གསང་བདག་སྒྲོ་ཕུག་པའམ་ཟུར་ཤཱཀྱསེངྒེའི་བུ་སློབ་གྲགས་ཆེ་བའི་ཡ་གྱལ་ཏེ། ཉེ་སྟོན་ཆོས་སེང་། ཞང་སྟོན། གྱབས་སྟོན་རྡོ་རྗེ་མགོན་པོ། རྒྱ་སྟོན་བཅས་བཞིའོ། །
Domain ལོ་རྒྱུས།
སྟོན་པ་བཞི་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་མི་ཕམ་བྱམས་པ་མགོན་པོ་ལྟ་བུ་དང། བྱིན་རླབས་སྤྲུལ་པའི་སྟོན་པ་ཐུབ་པ་དྲུག་དང། འདྲེན་པ་རང་བྱུང་གི་སྟོན་པ་ཤཱཀྱ་ཐུབ་པ་དང། བསོད་ནམས་རྟེན་གྱི་སྟོན་པ་སྐུ་གསུང་ཐུགས་རྟེན་སྟེ། སྐུ་དང་ཐུགས་གཉིས་དེའི་གཟུགས་བརྙན་གྱི་རྣམ་པ་དང་། གསུང་གི་གླེགས་བམ་ཟབ་མོ་རྣམས་སོ། །
Domain ཆོས་ལུགས།