98517

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཚོ་གཞེས་ཀྱི་ལོ་བརྒྱད་ཅུ་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་འཕགས་པ་གནས་བརྟན་པའི་འདོད་པ་སྟེ། ༡ དུས་མཚམས་དང་པོ། ཁབ་ཏུ་བཞུགས་པའི་ལོ་ཉི་ཤུ་རྩ་དགུ། ༢ དུས་མཚམས་གཉིས་པ། དཀའ་བ་སྤྱད་པ་ལོ་དྲུག ༣ དུས་མཚམས་གསུམ་པ། སངས་རྒྱས་པ་ནས་དབྱར་གནས་པའི་ལོ་བཞི་བཅུ་རྩ་ལྔ་སྟེ། དབྱར་གནས་པ་དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སུ་མཛད་པ། དབྱར་གནས་པ་གཉིས་པ་བེ་ལུ་བ་ན་རུ་མཛད་པ། དབྱར་གནས་པ་གསུམ་པ་ཡང་བེ་ལུ་བ་ནར་མཛད་པ། དབྱར་གནས་པ་བཞི་པ་ཡང་བེ་ལུ་བ་ནར་མཛད་པ། དབྱར་གནས་པ་ལྔ་པ་མེ་ཤཱ་ལི་ཡ་རུ་མཛད་པ། དབྱར་གནས་པ་དྲུག་པ་གོ་ལེར་མཛད་པ། དབྱར་གནས་པ་བདུན་པ་སུམ་ཅུ་རྩ་གསུམ་ལྷ་རུ་རྡོ་ཨར་མོ་ནོག་ཏུ་མཛད་པ། དབྱར་གནས་པ་བརྒྱད་པ་སུ་ཤུ་མཱ་ར་གི་རིར་མཛད་པ། དབྱར་གནས་པ་དགུ་པ་ཀཽ་ཤཱམྦཱི་རུར་མཛད་པ། དབྱར་གནས་པ་བཅུ་པ་སྤྲེལ་བཏུལ་བ་ཞེས་པ་གླང་པོ་ཆེ་བཱ་རི་ལེ་མའི་གནས་སུ་མཛད་པ། དབྱར་གནས་པ་བཅུ་གཅིག་པ་རྒྱལ་པོའི་ཁབ་ཏུ་མཛད་པ། དབྱར་གནས་པ་བཅུ་གཉིས་པ་བཻརཉྫའི་གྲོང་དུ་མཛད་པ། དབྱར་གནས་པ་བཅུ་གསུམ་པ་མཆོད་རྟེན་གྱི་རི་ལ་མཛད་པ། དབྱར་གནས་པ་བཅུ་བཞི་པ་རྒྱལ་པོ་ཛེ་ཏ་བ་ནའི་ལྷ་ཁང་དུ་མཛད་པ། དབྱར་གནས་པ་བཅོ་ལྔ་པ་ཀ་ལི་ལ་བ་ཏུ་རུ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་མཛད་པ། དབྱར་གནས་པ་བཅུ་དྲུག་པ་ཨ་ཌ་བ་ཀར་མཛད་པ། དབྱར་གནས་པ་བཅུ་བདུན་པ་རྒྱལ་པོའི་ཁབ་ཏུ་མཛད་པ། དབྱར་གནས་པ་བཅོ་བརྒྱད་པ་ཛྭ་ལི་ནིའི་བྲག་ཕུག་ཏུ་མཛད་པ། དབྱར་གནས་པ་བཅུ་དགུ་པ་ཡང་ཛྭ་ལི་ནིའི་བྲག་ཕུག་ཏུ་མཛད་པ། དབྱར་གནས་པ་ཉི་ཤུ་པ་རྒྱལ་པོའི་ཁབ་ཏུ་མཛད་པ། དེ་ནས་དབྱར་གནས་པ་བཞི་ནི་མཉན་ཡོད་དུ་ཤར་ཕྱོགས་མ་མོ་མྲྀ་གཱ་རིའི་ཀུན་དགའ་ར་བ་རུ་མཛད་པ་ལོ་བཞི། དེ་ནས་གྲོང་ཁྱེར་མཉན་ཡོད་དུ་དབྱར་གནས་པ་ལོ་ཉི་ཤུ་རྩ་གཅིག་མཛད་པ་བཅས་སོ། །
སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཚོ་གཞེས་ཀྱི་ལོ་བརྒྱད་ཅུ་ (2)
Part of speech མིང་ཚིག
Definition བྱེ་བྲག་བཤད་མཛོད་ཆེན་མོའི་དུམ་བུ་བོད་དུ་འགྱུར་བ་ལས། ཆོས་འཁོར་གནས་བཅས་པ་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀོ་ཤམྦྷཱི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཞེས་གསུངས་པ་ལྟར། གནས་དེ་དག་ཏུ་ལོ་བཅུ་གཅིག མཉན་ཡོད་དུ་ལོ་ཉེར་གསུམ། སྨན་གྱི་ནགས་སུ་ལོ་བཞི། འབར་བའི་ཕུག་གི་གནས་སུ་ལོ་གཉིས། རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལོ་ལྔ། དཀའ་བ་སྤྱད་པ་ལོ་དྲུག ཁབ་ཏུ་ལོ་ཉི་ཤུ་རྩ་དགུ་བཞུགས་པ་བཅས་སོ། །