98519
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱེ་མདོ་གཉིས་ཀྱི་ལུགས་ལ། ༡ བདག་ཅག་གི་སྟོན་པས་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་སེམས་བསྐྱེད་ནས་བྱང་སེམས་ཀྱི་ཚོགས་ལམ་ཐོག་མར་ཐོབ། དེ་ནས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་ཞིང་སེམས་བསྐྱེད་པས། བསྐལ་བ་གྲངས་མེད་དང་པོ་རྫོགས། ༢ དེ་ནས་སངས་རྒྱས་ཁྲི་དྲུག་སྟོང་ལ་སེམས་བསྐྱེད་པའི་མཐར་སངས་རྒྱས་མར་མེ་མཛད་ལ་བསྙེན་བཀུར་བས་གྲངས་མེད་གཉིས་པ་རྫོགས། ༣ དེ་ནས་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་སེམས་བསྐྱེད་པའི་མཐར་སངས་རྒྱས་རྣམ་གཟིགས་ལ་བསྙེན་བཀུར་བས་གྲངས་མེད་གསུམ་པ་རྫོགས། དེ་ནས་སངས་རྒྱས་གཞན་གྱིས་ནི་བསྐལ་བ་ཆེན་པོ་བརྒྱར་བྱང་སེམས་ངེས་གནས་པ་ལ་གནས་ནས། མཚན་དང་དཔེ་བྱད་ཀྱི་རྒྱུ་བསྒྲུབས་ནས་སངས་རྒྱས་པ་ཡིན་ཡང་བདག་གི་སྟོན་པས་ནི་སངས་རྒྱས་སྐར་རྒྱལ་ལ་རྐང་པ་གཅིག་གིས་འགྲེང་སྟེ་ཞག་བདུན་བར་བསྐོར་བ་བྱས་པས་བསྐལ་བ་ཆེན་པོ་དགུ་ཡི་ཚོགས་འདུམས་པས། བསྐལ་བ་ཆེན་པོ་བཅུ་རྩ་གཅིག་ལས་མ་དགོས་ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |