From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྟོན་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཆ་པར་བཞུགས།
|
སྟོན་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། དགེ་སློང་གིས་ཁྲིམས་གྲོགས་མེད་པར་ཁྱིམ་པ་མོ་ལ་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་བསྟན་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། རིགས་པའི་སྐྱེས་པ་མེད་པར་ཁྱིམ་པ་མོ་ལ་ཆོས་ཚིག་ལྔ་འམ། དྲུག་ལས་ལྷག་པ་སྟོན་པ་དོན་གོ་བ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་ཁྱིམ་པ་མོ་ལ་ཆོས་བསྟན་ཅིང་དེའི་རྗེས་སུ་དྲུག་སྡེས་ཚིག་དྲུག་ལས་ལྷག་པར་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|