9853
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། གཟུགས་མེད་ཀྱི་སྙོམས་འཇུག་ལ་ཡང་རྒྱུ་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་དང་། འབྲས་བུ་སྐྱེ་བའི་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གཉིས། ཡང་དེ་ལ་དབྱེ་ན། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་རྣམས་སུ་ཡོད་པའི་ཕྱིར་ཏེ། གཟུགས་མེད་དག་ནི་རྣམ་གཉིས་བཞི། །ཞེས་སོགས་སྦྱར་བར་བྱ་བ་ཡིན་པའི་ཕྱིར། དམིགས་པའི་སྒོ་ནས་རང་གི་འོག་ས་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་གཟུགས་མེད་སས་བསྡུས་ཀྱི་སྙོམས་འཇུག་ཏུ་དམིགས་པ། གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། འོ་ན་བསམ་གཏན་གྱི་སྙོམས་འཇུག་རྣམས་ཡན་ལག་གི་སྒོ་ནས་བཞག་ནས། གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ཡན་ལག་གི་སྒོ་ནས་མི་འཇོག་པར་དམིགས་པའི་སྒོ་ནས་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ཞི་གནས་སུ་རོ་གཅིག་པས་ཡན་ལག་མི་འདྲ་བའི་དབྱེ་བ་མེད་པའི་ཆ་ནས་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་རྣམ་པར་ཞག་པ་མེད་དོ། ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |