98530
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་འོད་སྲུང་ནི་མཚན་མོའི་ཐུན་ཐ་མ་ལ་རས་སྦྱར་མའི་སྣམ་སྦྱར་འབུམ་རི་བ་ཐོགས་ཏེ་དགྲ་བཅོམ་པ་ཐོབ་པའི་ཕྱིར་དུ་རབ་ཏུ་བྱུང་ནས་བུ་མངས་ཀྱི་མཆོད་རྟེན་གྱི་དྲུང་དུ་སངས་རྒྱས་ལ། ཁོ་བོ་ནི་ཁྱེད་ཀྱི་ཉན་ཐོས་སོ། །ཁྱེད་ནི་བདག་གི་སྟོན་པའོ་ཞེས་སྟོན་པར་ཁས་བླངས་པ་ལས་བསྙེན་པ་རྫོགས་སོ། །འདི་ནི་མཐུ་ཆེ་བའི་བདག་ཉིད་ཆེ་ཞེས་བྱའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། ། |
| Domain | ཆོས་ལུགས། |