From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། དམིགས་པའི་སྒོ་ནས་འོག་ས་ལས་འདས་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བ། དེ་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། གཉིས་པ་ནི། དེ་ལ་དབྱེ་ན། ནམ་མཁའ་མཐའ་ཡས་ནས་སྲིད་རྩེའི་དངོས་གཞིའི་སྙོམ་འཇུག་གི་བར་བཞི་ཡོད།
|
| Domain
|
ཆོས་ལུགས།
|
གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ (2)
| Part of speech
|
མིང་ཚིག
|
| Definition
|
དམིགས་པའི་སྒོ་ནས་རང་གི་འོག་ས་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་གཟུགས་མེད་ཀྱི་སས་བསྡུས་ཀྱི་རིག་པར་དམིགས་པ། གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། འོ་ན། བསམ་གཏན་གྱི་སྙོམས་འཇུག་རྣམས་ཡན་ལག་གི་སྒོ་ནས་བཞག་ནས་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ཡན་ལག་གི་སྒོ་ནས་མི་འཇོག་པར་དམིགས་པའི་སྒོ་ནས་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ཞི་གནས་སུ་རོ་གཅིག་པས་ཡན་ལག་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་ཏེ། ཀུན་བཏུས་ལས། གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་རྣམ་པར་བཞག་པ་མེད་དོ། །ཞེས་གསུངས་པའི་ཕྱིར། གཟུགས་མེད་ཀྱི་སྙོམས་འཇུག་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྒྱུ་སྙོམས་འཇུག་གི་གཟུགས་མེད་ཀྱི་སྙོམས་འཇུག་དང། འབྲས་བུ་སྐྱེ་བའི་གཟུགས་མེད་གཉིས་སུ་ཡོད། ཡང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ལ་དབྱེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག ཅི་ཡང་མེད་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་དང་སྲིད་རྩེའི་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་དང་བཞི་ཡོད།
|