98575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཆོས་ཐམས་ཅད་གཟོད་མ་ནས་འབྱུང་བ་མེད་པ་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་གཟོད་མ་ནས་མཚན་ཉིད་མེད་པ་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་གཟོད་མ་ནས་ཡོད་པ་མ་ཡིན་པ་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་གཟོད་མ་ནས་ཆགས་པ་མེད་པ་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་འཇུག་པ་མེད་པ་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་ལྡོག་པ་མེད་པ་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་ཐོག་མ་དང་བར་མ་དང་ཐ་མ་མཉམ་པ་ཉིད་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་ལ་འཇུག་པ་རྟོག་པ་དང་རྣམ་པར་རྟོག་པ་མེད་པ་སྔོན་དུ་འགྲོ་བའོ། །
Domain ཆོས་ལུགས།