98579
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་འཇུག་པའི་སྟོབས་ཀྱི་ཤུགས། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་སྟོབས་ཀྱི་ཤུགས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་སྟོབས་ཀྱི་ཤུགས། ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་སུ་འཇུག་པའི་སྟོབས་ཀྱི་ཤུགས། ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་སྟོབས་ཀྱི་ཤུགས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མོས་པའི་སྟོབས་ཀྱི་ཤུགས། དགེ་བའི་བཤེས་གཉེན་ཐམས་ཅད་ལ་ཤིན་ཏུ་གུས་པའི་བསམ་པ་མི་གཏོང་བའི་སྟོབས་ཀྱི་ཤུགས། དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་རྒྱལ་པོ་ཆེན་པོ་མཉེས་པར་བྱེད་པའི་སྟོབས་ཀྱི་ཤུགས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཟབ་པར་ཡིད་ཆེས་པས་མི་སྤངས་པའི་སྟོབས་ཀྱི་ཤུགས། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལས་མི་ལྡོག་པར་མཁས་པའི་སྟོབས་ཀྱི་ཤུགས་སོ། ། |
| Domain | ཆོས་ལུགས། |